CLINICAL EXAMINATION WORKSHOP

སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསོ་བ་རིག་པའི་མཐོ་སློབ་དང་སྨན་ཁང་དུ་ཆེད་སྦྱོང་དང་པོའི་སྨན་སློབ་སྐབས་དང་པོ་དང་གཉིས་པའི་སློབ་མ་རྣམས་ལ་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཁྲག་བརྟག་དཔྱད་ཆེད་ལས་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཕྱི་ལོ་༢༠༢༤ ཟླ་བ་༠༤ ཚེས་༡༨ - ༢༠ བར་ཉིན་གསུམ་རིང་ཕྱི་ལུགས་སྨན་གྱི་ནང་དུ་ནད་གཞི་འདྲ་མིན་སོ་སོའི་ཁྲག་དང་གཅིན་པ། བཙོག་པ། ལུད་པ་སོགས་བརྟག་དཔྱད་ཀྱི་རྒྱུད་རིམ་ཇི་ལྟར་བྱ་མིན་གྱི་ངོ་སྤྲོད་དང་ལག་ལེན་སློབ་ཁྲིད་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་བོད་ལུགས་གསོ་རིག་གི་སྨན་སློབ་རྣམས་ལ་ཕྱི་ལུགས་སྨན་གྱི་ཁྲག་སོགས་བརྟག་དཔྱད་ཀྱི་རྒྱུད་རིམ་ངོ་སྤྲོད་ཚད་ལྡན་ཤེས་རྟོགས་ཐུབ་ཐབས་སུ་དམིགས་པ་ཇི་བཞིན་དུ་བྱུང་སོང་། ཉིན་གསུམ་གྱི་བརྒྱུད་རིམ་འདིའི་ནང་སློབ་མ་རྣམས་ལ་རང་ངོས་ནས་ཟུངས་ཁྲག་གི་ཚད་གཞི་བརྟག་དཔྱད་དང་། ཁྲག་རིགས་ཇི་ཡིན་སོགས་ཀྱི་ཉམས་མྱོང་དམར་ཁྲིད་སློབ་སྟོན་བྱུང་བ་སོགས་སློབ་མ་རྣམས་ལ་ཤེས་བྱ་གསར་པ་མང་དག་ཤེས་རྟོགས་ཐུབ་པ་བྱུང་།https://bcollege.mentseekhang.org/wp-content/uploads/2024/04/DSC_1164234213.mp4Clinical examination programme for 3 days from 18th april -20th april,2024 was successfully held by Tsojhe Khangsar,Hospital(Bylakuppe) for the First Professional BSRMS(2022-2023) students in Men-Tsee-Khang Sowa Rigpa,Medical college Bangalore.The workshop aimed to provide attendees with a comprehensive understanding of the various types of clinical tests,their significance and interpretation.Hosted by renowned medical lab technician Mr.Sonam Topgyal la.Participants gained insights into the diverse range of tests available including Complete blood count test(CBC),Lipid profile test,Glucose level,LFT,RFT and more,fostering awareness about symptoms and consequences of their condition.Through practical demonstration,students developed skills in analysing blood test reports,allowing students to determine their own blood group ,haemoglobin level,detection of H-pylori infection through their stool samples and a basic analysis of their own urine through hands-on activities

Continue ReadingCLINICAL EXAMINATION WORKSHOP

NCISM Visitation for Inspection

ཟླ་འདིའི་ཚེས་༡༨ དང་༡༩ ཉིན་གཉིས་རིང་NCISM སྐོེར་བསྐྱོད་ཚོགས་ཆུང་གི་འཐུས་མི་སྨན་པ་པི་ཀ་ཏི་དང་སྨན་པ་པད་མ་རིག་འཛིན་གཉིས་འདི་གའི་མཐོ་སློབ་ཀྱི་ཕྱི་ནང་མཐུན་རྐྱེན་རྣམས་NCISM་སྒྲིག་གཞི་ལྟར་ཚད་ལྡན་ཡོད་མིན་རྟོགས་་ཕྱིར་མི་ངོར་རྟོགས་ཞིབ་ཏུ་ཕེབས། སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཁོང་གི་ལྡི་ལིའི་ལས་ཁུངས་ནས་དྲྭ་རྒྱའི་རྒྱུད་འགོ་འདོམས་བཀོད་མངགས་མཛད། ད་ཐེངས་གི་རྟོགས་ཞིབ་འདི་ནི་གཙོ་བོ་ཉིས་སྟོང་ཉེར་བཞི་ནས་ཉེར་ལྔ་བར་གྱི་སྨན་སློབ་གསར་བསྡུའི་ཆོག་མཆན་གནང་ཞུ་འབྲེལ་ཡོད། NCISM visitation committee members Dr.P.Katti and Dr.PRigzin visited our college and hospital on 18-19.04.2024 to physically inspect the availability of required facilities as per NCISM-2017 Sowa-Rigpa regulations. Dr. Dorjee Damdul supervised the inspection from NCISM office, New Delhi through virtual mode. This visitation has been carried out in relation to the permission for admission of the new BSRMS batch 2024-25.

Continue ReadingNCISM Visitation for Inspection

63rd Founding Anniversary Of Drophen MenTseeKhang

༄༅། །སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་མཛད་སྒོ། ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༣༠ ཉིན་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་དང་སྨན་ཁང་དུ་བཙན་བྱོལ་དུ་༸གོང་ས་སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ཏེ་མི་ལོ་ ༦༣ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས། ཉིན་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལྷོ་སྤྱི་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་མཆོག་དང་། དམིགས་བསལ་སྐུ་མགྲོན་ Prof. Dr. Anand Desai, Dean for Sowa Rigpa Department, Rajiv Gandhi University དང་ Shri. Srinivasulu, Ayush Commissioner (IFS Officer) དེ་བཞིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་དང་ཀཱར་ཎ་ཌ་ཀའི་བོད་ཀྱི་གྲོགས་པོ་མཐུན་ཚོགས་ (Friends of Tibet) ཀྱི་དྲུང་ཆེ་སོགས་སྐུ་མགྲོན་གཞན་ཁག་དང་། མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ཚང་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་གཉིས་ཀྱིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་རྗེས་སློབ་སྤྱི་མཆོག་གི་ངོ་སྤྲོད་གསུང་བཤད་གནང། དེ་ནས་སྨན་སློབ་སྐབས་༢༣ དང་རྩིས་སློབ་སྐབས་ ༡༣ གཉིས་ཀྱི་སློབ་མ་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་རྣམས་དང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གཉིས་ལ་སྐུ་མགྲོན་གཙོ་བོ་མཆོག་གི་བྱ་དགའ་དང་ཕྱག་འཁྱེར་གསོལ་རས་བསྩལ། དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་མཐོ་སློབ་ཀྱི་དཔེ་མཛོད་དང་། སྨན་ཁང་།སྨན་སྦྱོར་སློབ་ཁྲིད་སོགས་ཀྱི་གལ་གནད་རང་བཞིན་དང་སློབ་མ་རྣམས་ཀྱིས་ཚད་ལྡན་དུ་བེད་སྤྱོད་བྱེད་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་བཟང་པོ་ཕེབས་སོང་། སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མི་རྣམས་བཙན་བཅོལ་དུ་གྱར་བའི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་སྟངས་དང་། ད་བར་སྨན་རྩིས་ཁང་གིས་རྒྱ་གར་སྤྱི་ཚོགས་ནང་ཞབས་འདེགས་ཇི་ཞུས་སོགས་ཀྱི་སྐོར་རྒྱས་པར་གསུངས་སོང་། མཇུག་ཏུ་སྨན་རྩིས་སློབ་མ་རྣམས་ནས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་དེང་དུས་གཞས་སྣ་འདྲ་མིན་འབུལ་ལམ་ཞུས་རྗེས་ལས་དྲུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤདགནང་བ་བཅས་སྔ་དྲོའི་མཛད་སྒོ་ལེགས་གྲུབ་བྱུང་། མཛད་སྒོའི་རྗེས་སྐུ་མགྲོན་རྣམ་པ་ནད་གསོ་ཁང་དང་སྒོ་བསྟེན་སྨན་ཁང་སོགས་ལ་གཟིགས་སྐོར་ཕེབས་ཏེ་ཉིན་དགུང་གསོལ་ཚིགས་ཞུས། On 30thJune, 63rd founding Anniversary of Men-Tsee-Khang Institute was retroactively celebrated with much pomp and ceremony. The day marked a milestone in the history of the institute that has it origination in Independent Tibet and boast a rich legacy of humanitarian works to alleviate suffering. It was attended by several important guests in addition to our students and staff. Mr.Jigme Tsultrim, the representative of H.H Dalai lama for south India was the chief guest for the occasion. Prof.Dr Anand Desai, Dean for Sowa Rigpa Department, Rajiv Gandhi University and Shr.Srinivasulu (Ayush Commissioner IFS Officer) were invited as the special guests. Other important names among the attendees include the registrar of DLIHE Geshi Lobsang Gyaltsen, Mr.Niranjan, Mr. Sensai Raj and the corporate of Ramanagara (CMC) Shri Jagdesh. The morning function started with a short introductory and welcome speech from the college Principal cum medical superintendent Dr.Dorjee Rabten. It was quickly followed by a prize distribution ceremony. The toppers of the last academic year were recognized and awarded for their achievement and performance.  Next our guest speakers took the podium and spoke one after another on importance of the day and its relevance. Mr. Jigme Tsultrim, the chief guest delivered a powerful…

Continue Reading63rd Founding Anniversary Of Drophen MenTseeKhang