5-day hands-on practical workshop on Medicinal Preparations”
རྒྱལ་སྤྱི་འཕྲོད་བསྟེན་ཉི་མོའི་སྲུང་བརྩི་དང་བསྟུན་ཏེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔའི་རིང་དེ་སྔ་སྨན་སྦྱོར་སྨན་ཟུར་སྦེལ་ཀོབ་ཡན་ལག་སྨན་ཁང་གི་སྨན་པ་ངག་དབང་དགེ་ལེགས་ལགས་ཆེད་དུ་གདན་ཞུ་ནས་སྦེང་ལོར་ཆེད་སྦྱོང་གཉིས་པའི་སྨན་སློབ་རྣམས་ལ་ཞི་བྱེད་སྨན་གྱི་ལག་ལེན་ཁག་དམར་ཁྲིད་ངོ་སྤྲོད་དང་སྦྱོང་བརྡར་གནང། ཁོང་གིས་ཕྱི་རྒྱུད་ལས་ནག་མཚུར་སུམ་ཐང་དང་། སེ་འབྲུ་བཅུ་པའི་ལྡེ་གུ། འབའ་སམ་སྨན་མར། བུར་ཆང་། སྟར་བུའི་ཁཎྜ། ཟླ་ཤེལ་བདུད་རྩི་མའི་རིལ་བུ། དེ་བཞིན་སྨན་རྟ་གསུམ། བོང་ནག དབང་ལག འཇམ་འབྲས། ཀོ་བྱི་ལ། མཁལ་ཞོ་དཀར་པོ་བཅས་ཀྱི་འདུལ་སྦྱོང་ལག་ལེན་ངོ་སྤྲོད་གནང་སོང་།།In celebration of the World Health Day i. e. on…