First Professional University examination for the 2nd Batch of Men-Tsee-Khang (Sowa-Riga) Medical college, Bengaluru

ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༠༣ བོད་ཀྱི་ལོ་གསར་ཚེས་པ་བཞི་པ་ནས་བཟུང་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་ལོ་ ༢༠༢༣་་་༢༤ པའི་སྨན་སློབ་སྐབས་གཉིས་པ་རྣམས་ཆེད་སྦྱོང་དང་པོའི་གཙུག་ལག་སློབ་ཆེན་གྱི་དྲི་རྒྱུགས་འགོ་འཛུགས་པ་དང་། ཟླ་འདིའི་ཚེས་༢༥ ལ་དྲི་རྒྱུགས་ཚར་རྒྱུ་ཡིན། ད་ལན་རཱ་ཇིབ་གྷན་དྡི་འཕྲོད་བསྟེན་ཚན་རིག་གཙུག་ལག་སློབ་ཆེན་གྱིས་དྲི་རྒྱུགས་གཏོང་ཡུལ་དེ་ཉེ་འགྲམ་དུ་ཆགས་པའི་ SDM AYURVEDA MEDICAL COLLEGE & HOSPITAL ལ་གཏན་འཁེལ་བྱེད་ཡོད། སློབ་མ་རྣམས་བློ་རྒྱུགས་ཕུལ་ཟིན་པ་དང་། ལག་ལེན་ཡིག་རྒྱུགས་དེ་བཞིན་དྲི་རྒྱུགས་ཟིན་མཚམས་གནང་རྒྱུ་ཡིན་པས་ཁོང་རྣམས་ཡིག་རྒྱུགས་ལམ་ལྷོང་ཡོང་བའི་བཀྲིས་སྨོན་འདུན་ཞུ། The First Professional BSRMS medical students for 2023-24 academic year at Men-Tsee-Khang (Sowa-Rigpa) Medical College, Bangalore, has begun their University Examination from 3rd March 2025. The affiliated university i.e. Rajiv Gandhi University of Health Sciences has given the examination centre at the nearby SDM Ayurveda Medical College & Hospital, Mysore Road. The students have already completed their Oral examinations and their practical examinations will begin after finishing the current theory examinations, which will conclude on 25th March 2025. We wish our second batch students the very best of luck for their successful examinations.

Continue ReadingFirst Professional University examination for the 2nd Batch of Men-Tsee-Khang (Sowa-Riga) Medical college, Bengaluru

Gender awareness workshop by Drokmo’s Youth Group

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༣ ཉིན་གྲོགས་མོ་གཞོན་སྐྱེས་ཚོགས་པས་འདི་གའི་སློབ་མ་རྣམས་ལ་ཕོ་མོའི་ཁྱད་པར་དང་འདྲ་མཉམ། འདོད་་སྲེད། མོས་མཐུན། འབྲེལ་བཟང་བཅས་ཀྱི་གནད་དོན་སྐོར་ལ་གོ་རྟོགས་སྤེལ་བ་དང་དཔྱད་གླེང་བྱས་པའི་འདྲ་དཔར།On 23rd December 2024, Drokmo’s youth program has conducted a day long awareness program on gender, sexuality, equality, consent and healthy relationships to our medical students. They also engaged in critical discussions on these social issues.  

Continue ReadingGender awareness workshop by Drokmo’s Youth Group

1st International Meditation Day Celebrations at Our College

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༡ ཉིན་རྒྱལ་སྤྱི་བསླབ་སྒོམ་ཉིན་མོ་ཐེངས་དང་པོའི་བསྲུང་བརྩི་ཞུ་བ་དང་བསྟུན། འདི་ག་མཐོ་སློབ་ནས་དགེ་སློབ་རྣམས་ལ་ཕན་པར་དམིགས་ཏེ་ཟླ་བ་བཅིུས་པའི་ཚེས་ ༡༦ ནས་ ༢༡ བར་ཚོགས་ཐེངས་དྲུག་ལྷག་རིང་ནང་པའི་བློ་སྦྱོང་དང་སྒོམ་ཉམས་ལེན་བྱ་ཚུལ་ཐོག་ལ་ཟབ་ཁྲིད་ཞིག་གོ་སྒྲིག་ཞུས། ཟབ་ཁྲིད་གནང་མཁན་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་སྔགས་རམས་པ་བསྟན་འཛིན་ཟིལ་གནོན་ལགས་གདན་ཞུས་དང་། ཁོང་གིས་མཐོ་སློབ་ཀྱི་བསླབ་གཞི་གཞིར་བཟུང་༸རྒྱལ་སྲས་གླང་རི་ཐང་པས་མཛད་པས་བློ་སྦྱོང་ཚོག་བརྒྱད་མ་དང་། ནང་པའི་སྒོམ་ཉམས་ལེན་བྱ་ཚུལ་སྐོར་གོ་བདེ་པོའི་ངང་འགྲེལ་བཤད་དང་དངོས་སུ་སྒོམ་གྱི་སྦྱོང་བརྡར་ཕུལ་བས་དགེ་སློབ་ཀུན་ལ་ཟབ་ཁྲིད་དམིགས་ཡུལ་ལྟར་དགེ་ཕན་ཆེན་པོ་བྱུང་འདུག   In celebration of the first Internation Mediation Day on 21st December 2024, our college organized a series of six extended meditation and mind-training sessions for medical students and faculty members, from December 16th to 21st. The main goal of these sessions was to promote mental well-being and help students and teachers to bring deeper understanding of one's thoughts and emotions, fostering a positive mental attitude that can benefit both personal and professional growth. The sessions were led by Geshe Tenzin Celon la, a Buddhist philosophy teacher from The Dalai Lama Institute for Higher Educationin Bengaluru. He shared his profound knowledge into Buddhist mental training methods and guided students through meditation techniques based on the revered text, "The Eight Verses of Mind Training" by Langri Thangpa. This workshop was a huge success.

Continue Reading1st International Meditation Day Celebrations at Our College