NCISM Visitation for Inspection

ཟླ་འདིའི་ཚེས་༡༨ དང་༡༩ ཉིན་གཉིས་རིང་NCISM སྐོེར་བསྐྱོད་ཚོགས་ཆུང་གི་འཐུས་མི་སྨན་པ་པི་ཀ་ཏི་དང་སྨན་པ་པད་མ་རིག་འཛིན་གཉིས་འདི་གའི་མཐོ་སློབ་ཀྱི་ཕྱི་ནང་མཐུན་རྐྱེན་རྣམས་NCISM་སྒྲིག་གཞི་ལྟར་ཚད་ལྡན་ཡོད་མིན་རྟོགས་་ཕྱིར་མི་ངོར་རྟོགས་ཞིབ་ཏུ་ཕེབས། སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཁོང་གི་ལྡི་ལིའི་ལས་ཁུངས་ནས་དྲྭ་རྒྱའི་རྒྱུད་འགོ་འདོམས་བཀོད་མངགས་མཛད། ད་ཐེངས་གི་རྟོགས་ཞིབ་འདི་ནི་གཙོ་བོ་ཉིས་སྟོང་ཉེར་བཞི་ནས་ཉེར་ལྔ་བར་གྱི་སྨན་སློབ་གསར་བསྡུའི་ཆོག་མཆན་གནང་ཞུ་འབྲེལ་ཡོད། NCISM visitation committee members Dr.P.Katti and Dr.PRigzin visited our college and hospital on 18-19.04.2024 to physically inspect the availability of required facilities as per NCISM-2017 Sowa-Rigpa regulations. Dr. Dorjee Damdul supervised the inspection from NCISM office, New Delhi through virtual mode. This visitation has been carried out in relation to the permission for admission of the new BSRMS batch 2024-25.

Continue ReadingNCISM Visitation for Inspection

63rd Founding Anniversary Of Drophen MenTseeKhang

༄༅། །སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་མཛད་སྒོ། ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༣༠ ཉིན་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་དང་སྨན་ཁང་དུ་བཙན་བྱོལ་དུ་༸གོང་ས་སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ཏེ་མི་ལོ་ ༦༣ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས། ཉིན་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལྷོ་སྤྱི་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་མཆོག་དང་། དམིགས་བསལ་སྐུ་མགྲོན་ Prof. Dr. Anand Desai, Dean for Sowa Rigpa Department, Rajiv Gandhi University དང་ Shri. Srinivasulu, Ayush Commissioner (IFS Officer) དེ་བཞིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་དང་ཀཱར་ཎ་ཌ་ཀའི་བོད་ཀྱི་གྲོགས་པོ་མཐུན་ཚོགས་ (Friends of Tibet) ཀྱི་དྲུང་ཆེ་སོགས་སྐུ་མགྲོན་གཞན་ཁག་དང་། མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ཚང་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་གཉིས་ཀྱིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་རྗེས་སློབ་སྤྱི་མཆོག་གི་ངོ་སྤྲོད་གསུང་བཤད་གནང། དེ་ནས་སྨན་སློབ་སྐབས་༢༣ དང་རྩིས་སློབ་སྐབས་ ༡༣ གཉིས་ཀྱི་སློབ་མ་ཡིག་རྒྱུགས་གྲུབ་འབྲས་རྩེར་སོན་རྣམས་དང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གཉིས་ལ་སྐུ་མགྲོན་གཙོ་བོ་མཆོག་གི་བྱ་དགའ་དང་ཕྱག་འཁྱེར་གསོལ་རས་བསྩལ། དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་མཐོ་སློབ་ཀྱི་དཔེ་མཛོད་དང་། སྨན་ཁང་།སྨན་སྦྱོར་སློབ་ཁྲིད་སོགས་ཀྱི་གལ་གནད་རང་བཞིན་དང་སློབ་མ་རྣམས་ཀྱིས་ཚད་ལྡན་དུ་བེད་སྤྱོད་བྱེད་དགོས་པའི་སྐོར་ལམ་སྟོན་བཀའ་སློབ་བཟང་པོ་ཕེབས་སོང་། སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མི་རྣམས་བཙན་བཅོལ་དུ་གྱར་བའི་བྱུང་རབས་ལོ་རྒྱུས་དང་ད་ལྟའི་གནས་སྟངས་དང་། ད་བར་སྨན་རྩིས་ཁང་གིས་རྒྱ་གར་སྤྱི་ཚོགས་ནང་ཞབས་འདེགས་ཇི་ཞུས་སོགས་ཀྱི་སྐོར་རྒྱས་པར་གསུངས་སོང་། མཇུག་ཏུ་སྨན་རྩིས་སློབ་མ་རྣམས་ནས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་དེང་དུས་གཞས་སྣ་འདྲ་མིན་འབུལ་ལམ་ཞུས་རྗེས་ལས་དྲུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤདགནང་བ་བཅས་སྔ་དྲོའི་མཛད་སྒོ་ལེགས་གྲུབ་བྱུང་། མཛད་སྒོའི་རྗེས་སྐུ་མགྲོན་རྣམ་པ་ནད་གསོ་ཁང་དང་སྒོ་བསྟེན་སྨན་ཁང་སོགས་ལ་གཟིགས་སྐོར་ཕེབས་ཏེ་ཉིན་དགུང་གསོལ་ཚིགས་ཞུས། On 30thJune, 63rd founding Anniversary of Men-Tsee-Khang Institute was retroactively celebrated with much pomp and ceremony. The day marked a milestone in the history of the institute that has it origination in Independent Tibet and boast a rich legacy of humanitarian works to alleviate suffering. It was attended by several important guests in addition to our students and staff. Mr.Jigme Tsultrim, the representative of H.H Dalai lama for south India was the chief guest for the occasion. Prof.Dr Anand Desai, Dean for Sowa Rigpa Department, Rajiv Gandhi University and Shr.Srinivasulu (Ayush Commissioner IFS Officer) were invited as the special guests. Other important names among the attendees include the registrar of DLIHE Geshi Lobsang Gyaltsen, Mr.Niranjan, Mr. Sensai Raj and the corporate of Ramanagara (CMC) Shri Jagdesh. The morning function started with a short introductory and welcome speech from the college Principal cum medical superintendent Dr.Dorjee Rabten. It was quickly followed by a prize distribution ceremony. The toppers of the last academic year were recognized and awarded for their achievement and performance.  Next our guest speakers took the podium and spoke one after another on importance of the day and its relevance. Mr. Jigme Tsultrim, the chief guest delivered a powerful…

Continue Reading63rd Founding Anniversary Of Drophen MenTseeKhang

MINOR RENOVATION WORKS CARRIED OUT UNDER AUSPICES OF VIRTUSA FOUNDATION

ཝར་ཅུ་ས་གཞུང་འབྲེལ་མིན་པའི་ཚོགས་པའི་བཟོས་བཅོས་འཛུགས་སྐྲུན་ལས་གཞི། འདི་ག་སྦེང་ལོར་རྟེན་གཞི་བྱས་པའི་ཝར་ཅུ་ས་གཞུང་འབྲེལ་མིན་པའི་ཚོགས་པས་མཐུན་སྦྱོར་སྦྱིན་བདག་གནང་ཏེ་སྨན་རྩིས་མཐོ་སློབ་འདིར་དགོས་ངེས་ཆེ་བའི་ཨར་ལས་དང་འབྲེལ་བའི་བཟོ་བཅོས་ཉམས་གསོའི་ལས་གཞི་ཞིག་སྤེལ། འདི་ཡང་ཇི་ལྟར་སློབ་སྤྱི་མཆོག་ནས་འདི་ག་སློབ་སྦེང་ལོར་མཐོ་སླབ་སྨན་ཁང་དུ་ནད་བཅོས་ཞུ་མཁན་ནད་པ་ཞིག་དང་འབྲེལ་བ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཝར་ཅུ་ས་ཞེས་པ་ཡོད་པ་དེར། ནད་པ་དོ་བདག་དེས་ཞུ་ངོ་བྱས་ཏེ་སློབ་སྤྱི་མཆོག་གིས་ཚོགས་པ་དེར་འཆར་གཞི་དང་འཆར་འགོད་ ༢༠༢༣ ཕྱི་ཟླ་ ༣ པའི་ནང་དུ་ཕུལ་བ་ལྟར་རིམ་བཞིན་གྲོས་བསྡུར་ཐག་གཅོད་ཀྱིས་མཐའ་དོན་ལས་དོན་རྣམས་ ཕྱི་ཟླ་ ༡༢ ཚེས་ ༡ ནས་འགོ་འཛུགས་བྱས་ཏེ་ཕྱི་ཟླ་༡ ཚེས ༡༨ འཇུག་བསྒྲིལ་ཟིན། ལས་གཞིའི་ཁོངས་སུ་མཐོ་སློབ་སྨན་ཁང་གི་ནད་གསོ་ཁང་གཡས་གཡོན་གཉིས་སུ་ཡོད་པའི་རྒྱ་གར་གསང་སྤྱོད་རྣམས་བཤིག་གཏོར་བྱས་ཏེ་ནུབ་ཕྱོགས་གསང་སྤྱོད་དང་རྒྱ་གར་གསང་སྤྱོད་གཉིས་ཡོད་པ་མ་ཟད་འཁྲུས་ཁང་གི་མཐུན་རྐྱེན་དང་ཆུ་ཚན་བཟོ་ཆས་ཀྱི་གྷི་ཟར་ཡོད་པར་ལེགས་བཅོས་གསར་འཛུགས་ཞུས། གསང་སྤྱོད་ཀྱི་རྒྱང་དང་ཞལ་ལ་རྣམས་བསྐྱར་དུ་གསར་འདིང་དང་ནད་གསོ་ཁང་གི་རྩིག་རྒྱང་བཤིགས་ཏེ་ནད་པའི་འཛུལ་སྒོ་གསར་བཟོ་གནང། ད་དུང། ནད་གསོ་ཁང་གི་བུ་དང་བུ་མོའི་ཉལ་ཁང་གཉིས་སུ་ནད་པའི་ཉལ་ཁྲི་སྤུས་ལེགས་ ༡༢ དང་ལྕོག་རྩེ་ཆུང་བ་ ༡༢། སྨན་ཞབས་པའི་ཆེད་དུ་ཞབས་སྟེག་དང་ལྕོག་རྩེ་དང་དེ་མིན་ནད་པ་རྫ་དྲག་མྱུར་སྐྱོབ་ཆེད་དུ་སྲོག་རླུང་གི་སི་ལིན་ཊར་སོགས་དགོས་གནད་ཆེ་བའི་ཅ་དངོས་ཞལ་འདེབས་ཕུལ། གཞན་ཡང་སྨན་ཁང་གི་སྨན་མཛོད་རྒྱ་བསྐྱེད་བཅད་བསྒྲིགས་དང་སྨན་ཟོག་འཇོག་ཡུལ་གྱི་ལྕག་སྒྲོམ་གསུམ་ཉོས་ཏེ་སྒྲིག་ཤོམས་གནང་བ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བ་བསྐྱངས། འདིག་གའི་སློབ་ཀྱི་ལས་སློབ་ཡོངས་ནས་ཝར་ཅུ་ས་ཚོགས་པར་ཐུགས་ཆེ་ཤིན་ཏུ་ཆེ་ཞེས་ཞུ། With funding from Virtusa Foundation, some necessary renovation works were carried out in college Academic and Hospital campound. The renovation project mostly consist of civil works – Converting an existing toilet for each gender at the two ends of patient ward into bathroom cum toilet, setting up essential bathroom fittings and fixtures, Purchase of metal racks for dispensary, installation of a new entrance door by breaking through existing wall at the backside of patient’s wards. Besides, the sponsorship for above-mentioned renovation works, the virtusa foundation has also donated 12 beds and side tables, two oxygen cylinders, and a chair and table for nurse. This project started from 01/Dec/ 2023 and completed by 9/01/2024. On completion of renovation works, the financial Director Mr. Shirsendu Deb along with his colleague Mr. Roch Ferreira and Mr.Noel Cladius visited the site for inspection and project review. They were quite satisfied with the work done except for minor flaws in the finishing work and expressed their willingness to support and help in the future for education and necessary renovation works. Men-Tsee-khang Medical College and hospital is indebted to the virtusa Foundation for its generous sponsorship and support. Thank you, Virtusa.

Continue ReadingMINOR RENOVATION WORKS CARRIED OUT UNDER AUSPICES OF VIRTUSA FOUNDATION