1st International Meditation Day Celebrations at Our College

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༡ ཉིན་རྒྱལ་སྤྱི་བསླབ་སྒོམ་ཉིན་མོ་ཐེངས་དང་པོའི་བསྲུང་བརྩི་ཞུ་བ་དང་བསྟུན། འདི་ག་མཐོ་སློབ་ནས་དགེ་སློབ་རྣམས་ལ་ཕན་པར་དམིགས་ཏེ་ཟླ་བ་བཅིུས་པའི་ཚེས་ ༡༦ ནས་ ༢༡ བར་ཚོགས་ཐེངས་དྲུག་ལྷག་རིང་ནང་པའི་བློ་སྦྱོང་དང་སྒོམ་ཉམས་ལེན་བྱ་ཚུལ་ཐོག་ལ་ཟབ་ཁྲིད་ཞིག་གོ་སྒྲིག་ཞུས། ཟབ་ཁྲིད་གནང་མཁན་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་སྔགས་རམས་པ་བསྟན་འཛིན་ཟིལ་གནོན་ལགས་གདན་ཞུས་དང་། ཁོང་གིས་མཐོ་སློབ་ཀྱི་བསླབ་གཞི་གཞིར་བཟུང་༸རྒྱལ་སྲས་གླང་རི་ཐང་པས་མཛད་པས་བློ་སྦྱོང་ཚོག་བརྒྱད་མ་དང་། ནང་པའི་སྒོམ་ཉམས་ལེན་བྱ་ཚུལ་སྐོར་གོ་བདེ་པོའི་ངང་འགྲེལ་བཤད་དང་དངོས་སུ་སྒོམ་གྱི་སྦྱོང་བརྡར་ཕུལ་བས་དགེ་སློབ་ཀུན་ལ་ཟབ་ཁྲིད་དམིགས་ཡུལ་ལྟར་དགེ་ཕན་ཆེན་པོ་བྱུང་འདུག   In celebration of the first Internation Mediation Day on 21st December 2024, our college…

Continue Reading1st International Meditation Day Celebrations at Our College

The “Tibet Week” Event organized at Bangalore University

༄༅།། བོད་ཀྱི་བདུན་ཕྲག་ཞེས་པའི་དུས་ཆེན་སྲུང་བརྩི་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢ ནས་ ༧ བར་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ཚན་པའི་བོད་ཀྱི་འགྲེམས་སྟོན་ཁང་དང་། སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་བཅས་ཚོགས་པ་གསུམ་ཐུན་མོང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག སྨན་རྩིས་སོགས་ས་གནས་ཡུལ་མི་དང་གཞོན་སྐྱེས་སློབ་མ་རྣམས་ལ་ངོ་སྤྲོད་ཁྱབ་སྤེལ་ཆེད་དུ་སྦེང་ལོར་གཙུག་ལག་སློབ་ཆེན་དུ་གོ་སྒྲིག་ཞུས། དེའི་ཚེས་ ༣ དང་། ༥ ཉིན་སོ་སོར་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་བོད་ཀྱི་གསོ་བ་རིག་པ་དང་སྐར་དཔྱད་རྩིས་རིག་གི་ཐང་ཀའི་འགྲེམས་སྟོན་དང་། སྨན་དང་ཐོན་དོངས་ངོ་སྤྲོད། རིན་མེད་བརྟག་དཔྱད། ངག་ཐོག་རྩིས་འབྲས་བཅས་ཞུས་པས་རྒྱ་གར་སློབ་མ་རྣམས་ནས་དམིགས་བསལ་དོ་སྣང་དང་དགའ་སྤྲོ་ཆེན་པོ་གནང་སོང་། “The Tibet Week” event which was held…

Continue ReadingThe “Tibet Week” Event organized at Bangalore University

Dr. Jagananthan, President of BUSS (NCISM) visits at Bangalore Mentseekhang SowaRigpa Medical College

✓ ཕྱི་ལོ་༢༠༢༤ཟླ་༡༢ ཚེས་༢ ཉིན་རྒྱབ་རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་གསོ་བ་རིག་པའི་འགན་འཛིན་ Dr. Jagananthan མཆོག་འདི་ག་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དང་སྨན་ཁང་དུ་ལྟ་བསྐོར་ཆེད་ཕེབས་གནང་། ཁོང་ནས་མཐོ་སློབ་ཀྱི་སྡེ་ཚན་ཁག་དང་། འཛིན་ཁང་། སྨན་ཁང་། སྨན་སྦྱོར་ཁང་སོགས་ལ་གཟིགས་ཞིབ་ལེགས་པར་གནང་བ་མ་ཟད། སློབ་མ་དང་དགེ་ལས་ཡང་ཐུགས་འཕྲད་གནང་། དེ་ནས་སློབ་སྤྱི་དང་དགེ་ལས་སློབ་མ་ཚང་འཛོམས་ཐོག་ཁོང་གིས་ལས་ཡུན་ལོ་གསུམ་ནང་གསོ་བ་རིག་པ་ཡར་རྒྱས་གོང་འཕེལ་དང་སྲོལ་སྨན་གཞན་དང་ཚད་མཉམ་ཡོང་སླད་ལས་དོན་གང་དང་གང་བསྒྲུབས་ཡོད་མེད་དང་མ་འོངས་བྱ་འཆར་སྐོར་བཀའ་སློབ་གནང་སོང་།On December 2nd, 2024, our college was blessed with the presence of Dr. Jagananthan, President of BUSS (NCISM).…

Continue ReadingDr. Jagananthan, President of BUSS (NCISM) visits at Bangalore Mentseekhang SowaRigpa Medical College