Graduation day of 23rd Medical & 13th Astro Batch

ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༠༣ ནས་ཟླ་༡༡ ཚེས་༡༣ བར་ཉིན་བཞི་བཅུའི་རིང་སྐབས་༢༣ པའི་སྨན་སློབ་དང་། སྐབས་༡༣ པའི་རྩིས་སློབ་རྣམས་ཐོན་རྒྱུགས་ཆེན་མོའི་དྲི་རྒྱུགས་ཁག་དང་། དེ་བཞིན་བློ་རྒྱུགས་དང་། རྒྱུད་གསུམ་རྒྱུགས་འབུལ། ལོ་ཐོ་དང་རྩིས་འབྲས་རྩིས་འབུལ་བཅས་ཀྱི་ཡིག་རྒྱུགས་ཆ་ཚང་ལེགས་གྲུབ་ཟིན་རྗེས། ཟླ་༡༡ ཚེས་༢༡ ཉིན་སྔ་དྲོར་ཁོང་རྣམ་པའི་ཆེད་དུ་སློབ་ཐོན་གྱི་མཛད་སྒོ་ཞིག་ཚུགས་པ་དང་དེར་སྐུ་མགྲོན་གཙོ་བོར་༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་མཆོག་དང་འཛིན་སྐྱོང་འགན་འཛིན་མཆོག་རྣམ་གཉིས་ཆེད་ཕེབས་གནང་ཡོད། ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་མཚམས་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ནས་སློབ་ཐོན་པ་རྣམས་ལ་འཚམས་འདྲི་ཞུས་ཏེ་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་། ཁོང་གིས་༧གོང་ས་མཆོག་དང་སྨན་རྩིས་ཁང་གི་བཀའ་དྲིན་དུས་ཀུན་ཏུ་ཡིད་ལ་དྲན་པའི་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་མུ་མཐུད་སྦྱང་བརྩོན་གྱིས་མ་འོངས་པར་འགྲོ་དོན་རྒྱ་ཆེར་བསྐྱང་ཐབས་དགོས་པའི་བཀའ་སློབ་གནང་། སྐུ་མགྲོན་གཙོ་བོ་༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་མཆོག་ནས་སློབ་ཐོན་པ་རྣམས་ལ་མ་འོངས་པར་རང་གིས་སྦྱངས་པའི་སྲོལ་རྒྱུན་རིག་གནས་དེ་རང་གི་ཐོག་ལ་ཕྱག་ལས་གནང་ཐབས་དང་། སྨན་རྩིས་གཉིས་མི་ཉམས་རྒྱུད་འཛིན་ལ་འབད་པ། ལྷག་པར་དུ་ལས་དོན་གཉེར་སྐབས་བྱམས་པ་དང་སྙིང་རྗེ་དགོས་གལ་སོགས་ཀྱི་བཀའ་སློབ་གནང་། དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་ཐོན་པ་གྲངས་ ༢༦ རེ་རེར་འཚམས་འདྲིའི་མཇལ་དར་ཕུལ་བ་དང་། སྨན་གཞུང་རྒྱུད་གསུམ་རྒྱུགས་འབུལ་གནང་མཁན་སྨན་སློབ་ཚེ་རིང་སྲིད་མཐར་ལགས་ལ་དམིགས་བསལ་བྱ་དགའ་ཕུལ། དེ་ནས་སློབ་ཐོན་པ་རྣམས་ནས་དགེ་ལས་རྣམས་ལ་བཀྲིན་དྲན་རྟེན་དུ་ཕྱག་རྟགས་རེ་ཕུལ་བ་དང་། སློབ་མ་གསུམ་ནས་ལོ་ལྔའི་རིང་མཐོ་སློབ་ཏུ་སློབ་གཉེར་གནང་བའི་མྱོང་ཚོར་བཤད། དེ་ནས་དགེ་ལས་དང་སློབ་གཉེར་བཞིན་པའི་སྨན་སློབ་རྣམས་ནས་མཛད་སྒོ་དང་འབྲེལ་བའི་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གཟིགས་འབུལ་གྱིས་ཚང་མ་དགའ་ཚོར་ཆེན་པོ་བྱུང་། མཐར་སློབ་སྤྱི་གཞོན་པ་སྨན་རམས་པ་ངག་དབང་སྦྱིན་པ་ལགས་ནས་སློབ་ཐོན་པ་རྣམས་ལ་དམིགས་བསལ་ལམ་སྟོན་དང་ཚང་མ་ལ་ཐུགས་རྗེ་ལེགས་ཞུས་ཏེ་སློབ་ཐོན་མཛད་སྒོ་བཀྲིས་པའི་ངང་གྲོལ་སོང་། ། On…

Continue ReadingGraduation day of 23rd Medical & 13th Astro Batch

15days Induction Program for New BSRMS students 2024-25

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༠༡ ཉིན་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་སློབ་དུས་ ༢༠༢༤-༢༥ ལོའི་དཀའ་བཅུ་པའི་སྨན་སློབ་སྐབས་གསུམ་པ་སློབ་འཇུག་གིས་ཆེད་སྦྱོང་དང་པོ་འགོ་འཛུགས་ཞུས་པ་དང་། རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་རྩ་འཛིན་ལྟར་སྨན་སློབ་གསར་པ་རྣམས་ལ་ཉིན་བཅོ་ལྔའི་སྔོན་འགྲོའི་ཟབ་སྦྱོང་གི་ལས་རིམ་འགྲོ་མུས་ཀྱིས་ཟླ་འདིའི་ཚེས་ ༡༧ ལ་མཇུག་སྒྲིལ་བྱ་རྒྱུ་ཡིན། The Bachelor of Sowa-Rigpa Medicine and Surgery (BSRMS) program for the academic year 2024-25 has officially started at…

Continue Reading15days Induction Program for New BSRMS students 2024-25