ཟླ་འདིའི་ཚེས་༡༨ དང་༡༩ ཉིན་གཉིས་རིང་NCISM སྐོེར་བསྐྱོད་ཚོགས་ཆུང་གི་འཐུས་མི་སྨན་པ་པི་ཀ་ཏི་དང་སྨན་པ་པད་མ་རིག་འཛིན་གཉིས་འདི་གའི་མཐོ་སློབ་ཀྱི་ཕྱི་ནང་མཐུན་རྐྱེན་རྣམས་NCISM་སྒྲིག་གཞི་ལྟར་ཚད་ལྡན་ཡོད་མིན་རྟོགས་་ཕྱིར་མི་ངོར་རྟོགས་ཞིབ་ཏུ་ཕེབས། སྨན་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཁོང་གི་ལྡི་ལིའི་ལས་ཁུངས་ནས་དྲྭ་རྒྱའི་རྒྱུད་འགོ་འདོམས་བཀོད་མངགས་མཛད། ད་ཐེངས་གི་རྟོགས་ཞིབ་འདི་ནི་གཙོ་བོ་ཉིས་སྟོང་ཉེར་བཞི་ནས་ཉེར་ལྔ་བར་གྱི་སྨན་སློབ་གསར་བསྡུའི་ཆོག་མཆན་གནང་ཞུ་འབྲེལ་ཡོད།
NCISM visitation committee members Dr.P.Katti and Dr.PRigzin visited our college and hospital on 18-19.04.2024 to physically inspect the availability of required facilities as per NCISM-2017 Sowa-Rigpa regulations. Dr. Dorjee Damdul supervised the inspection from NCISM office, New Delhi through virtual mode. This visitation has been carried out in relation to the permission for admission of the new BSRMS batch 2024-25.