The “Tibet Week” Event organized at Bangalore University

༄༅།། བོད་ཀྱི་བདུན་ཕྲག་ཞེས་པའི་དུས་ཆེན་སྲུང་བརྩི་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢ ནས་ ༧ བར་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ཚན་པའི་བོད་ཀྱི་འགྲེམས་སྟོན་ཁང་དང་། སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་བཅས་ཚོགས་པ་གསུམ་ཐུན་མོང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག སྨན་རྩིས་སོགས་ས་གནས་ཡུལ་མི་དང་གཞོན་སྐྱེས་སློབ་མ་རྣམས་ལ་ངོ་སྤྲོད་ཁྱབ་སྤེལ་ཆེད་དུ་སྦེང་ལོར་གཙུག་ལག་སློབ་ཆེན་དུ་གོ་སྒྲིག་ཞུས། དེའི་ཚེས་ ༣ དང་། ༥ ཉིན་སོ་སོར་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་བོད་ཀྱི་གསོ་བ་རིག་པ་དང་སྐར་དཔྱད་རྩིས་རིག་གི་ཐང་ཀའི་འགྲེམས་སྟོན་དང་། སྨན་དང་ཐོན་དོངས་ངོ་སྤྲོད། རིན་མེད་བརྟག་དཔྱད། ངག་ཐོག་རྩིས་འབྲས་བཅས་ཞུས་པས་རྒྱ་གར་སློབ་མ་རྣམས་ནས་དམིགས་བསལ་དོ་སྣང་དང་དགའ་སྤྲོ་ཆེན་པོ་གནང་སོང་། “The Tibet Week” event which was held at Bengaluru University from December 2nd to 7th 2024, was organized jointly by the Tibetan Museum, Central Tibetan Administration (CTA), Dharamsala, The Dalai Lama Institute for Higher Education (DLIHE), Bengaluru and Men-Tsee-Khang (Sowa-Rigpa) Medical College, Bengaluru. The event aimed to introduce, showcase, and raise awareness about various aspects of Tibetan culture, including language, religion, Tibetan medicine (Sowa-Rigpa), astrology, and the history of Tibet, particularly to local Indians and young students. During the event, on 3rd & 5th December, Men-Tsee-Khang (Sowa-Rigpa) Medical College organized Thangka exhibitions focused on Tibetan medicine and astrology along with free medical consultations and oral astrological consultations. Young students, in particular, showed great enthusiasm and took full advantage of these opportunities, engaging deeply with the information and services provided.

Continue ReadingThe “Tibet Week” Event organized at Bangalore University

Dr. Jagananthan, President of BUSS (NCISM) visits at Bangalore Mentseekhang SowaRigpa Medical College

✓ ཕྱི་ལོ་༢༠༢༤ཟླ་༡༢ ཚེས་༢ ཉིན་རྒྱབ་རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་གསོ་བ་རིག་པའི་འགན་འཛིན་ Dr. Jagananthan མཆོག་འདི་ག་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དང་སྨན་ཁང་དུ་ལྟ་བསྐོར་ཆེད་ཕེབས་གནང་། ཁོང་ནས་མཐོ་སློབ་ཀྱི་སྡེ་ཚན་ཁག་དང་། འཛིན་ཁང་། སྨན་ཁང་། སྨན་སྦྱོར་ཁང་སོགས་ལ་གཟིགས་ཞིབ་ལེགས་པར་གནང་བ་མ་ཟད། སློབ་མ་དང་དགེ་ལས་ཡང་ཐུགས་འཕྲད་གནང་། དེ་ནས་སློབ་སྤྱི་དང་དགེ་ལས་སློབ་མ་ཚང་འཛོམས་ཐོག་ཁོང་གིས་ལས་ཡུན་ལོ་གསུམ་ནང་གསོ་བ་རིག་པ་ཡར་རྒྱས་གོང་འཕེལ་དང་སྲོལ་སྨན་གཞན་དང་ཚད་མཉམ་ཡོང་སླད་ལས་དོན་གང་དང་གང་བསྒྲུབས་ཡོད་མེད་དང་མ་འོངས་བྱ་འཆར་སྐོར་བཀའ་སློབ་གནང་སོང་།On December 2nd, 2024, our college was blessed with the presence of Dr. Jagananthan, President of BUSS (NCISM). He took the time to visit every department, hospital ward, lecture room, and even met with our hardworking staff and students. His inspiring speech to our students and staff was truly memorable, and he also highlighted the achievements in standardizing the Sowa-Riga system of medicine under his leadership. It was an honor to have him visit our college.

Continue ReadingDr. Jagananthan, President of BUSS (NCISM) visits at Bangalore Mentseekhang SowaRigpa Medical College

Graduation day of 23rd Medical & 13th Astro Batch

ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༠༣ ནས་ཟླ་༡༡ ཚེས་༡༣ བར་ཉིན་བཞི་བཅུའི་རིང་སྐབས་༢༣ པའི་སྨན་སློབ་དང་། སྐབས་༡༣ པའི་རྩིས་སློབ་རྣམས་ཐོན་རྒྱུགས་ཆེན་མོའི་དྲི་རྒྱུགས་ཁག་དང་། དེ་བཞིན་བློ་རྒྱུགས་དང་། རྒྱུད་གསུམ་རྒྱུགས་འབུལ། ལོ་ཐོ་དང་རྩིས་འབྲས་རྩིས་འབུལ་བཅས་ཀྱི་ཡིག་རྒྱུགས་ཆ་ཚང་ལེགས་གྲུབ་ཟིན་རྗེས། ཟླ་༡༡ ཚེས་༢༡ ཉིན་སྔ་དྲོར་ཁོང་རྣམ་པའི་ཆེད་དུ་སློབ་ཐོན་གྱི་མཛད་སྒོ་ཞིག་ཚུགས་པ་དང་དེར་སྐུ་མགྲོན་གཙོ་བོར་༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་མཆོག་དང་འཛིན་སྐྱོང་འགན་འཛིན་མཆོག་རྣམ་གཉིས་ཆེད་ཕེབས་གནང་ཡོད། ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་མཚམས་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ནས་སློབ་ཐོན་པ་རྣམས་ལ་འཚམས་འདྲི་ཞུས་ཏེ་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་། ཁོང་གིས་༧གོང་ས་མཆོག་དང་སྨན་རྩིས་ཁང་གི་བཀའ་དྲིན་དུས་ཀུན་ཏུ་ཡིད་ལ་དྲན་པའི་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་མུ་མཐུད་སྦྱང་བརྩོན་གྱིས་མ་འོངས་པར་འགྲོ་དོན་རྒྱ་ཆེར་བསྐྱང་ཐབས་དགོས་པའི་བཀའ་སློབ་གནང་། སྐུ་མགྲོན་གཙོ་བོ་༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་མཆོག་ནས་སློབ་ཐོན་པ་རྣམས་ལ་མ་འོངས་པར་རང་གིས་སྦྱངས་པའི་སྲོལ་རྒྱུན་རིག་གནས་དེ་རང་གི་ཐོག་ལ་ཕྱག་ལས་གནང་ཐབས་དང་། སྨན་རྩིས་གཉིས་མི་ཉམས་རྒྱུད་འཛིན་ལ་འབད་པ། ལྷག་པར་དུ་ལས་དོན་གཉེར་སྐབས་བྱམས་པ་དང་སྙིང་རྗེ་དགོས་གལ་སོགས་ཀྱི་བཀའ་སློབ་གནང་། དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་ཐོན་པ་གྲངས་ ༢༦ རེ་རེར་འཚམས་འདྲིའི་མཇལ་དར་ཕུལ་བ་དང་། སྨན་གཞུང་རྒྱུད་གསུམ་རྒྱུགས་འབུལ་གནང་མཁན་སྨན་སློབ་ཚེ་རིང་སྲིད་མཐར་ལགས་ལ་དམིགས་བསལ་བྱ་དགའ་ཕུལ། དེ་ནས་སློབ་ཐོན་པ་རྣམས་ནས་དགེ་ལས་རྣམས་ལ་བཀྲིན་དྲན་རྟེན་དུ་ཕྱག་རྟགས་རེ་ཕུལ་བ་དང་། སློབ་མ་གསུམ་ནས་ལོ་ལྔའི་རིང་མཐོ་སློབ་ཏུ་སློབ་གཉེར་གནང་བའི་མྱོང་ཚོར་བཤད། དེ་ནས་དགེ་ལས་དང་སློབ་གཉེར་བཞིན་པའི་སྨན་སློབ་རྣམས་ནས་མཛད་སྒོ་དང་འབྲེལ་བའི་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གཟིགས་འབུལ་གྱིས་ཚང་མ་དགའ་ཚོར་ཆེན་པོ་བྱུང་། མཐར་སློབ་སྤྱི་གཞོན་པ་སྨན་རམས་པ་ངག་དབང་སྦྱིན་པ་ལགས་ནས་སློབ་ཐོན་པ་རྣམས་ལ་དམིགས་བསལ་ལམ་སྟོན་དང་ཚང་མ་ལ་ཐུགས་རྗེ་ལེགས་ཞུས་ཏེ་སློབ་ཐོན་མཛད་སྒོ་བཀྲིས་པའི་ངང་གྲོལ་སོང་། ། On November 21, 2024, a graduation ceremony was held at the Yuthok Hall for the outgoing students of the 23rd Medical and 13th Astro programs, marking the successful completion of their final examinations. The exams, which took place from October 3 to November 13, 2024, included twelve theory papers, oral tests, and practical assessments. The ceremony was graced by the presence of the Principal and Administrator of the Dalai Lama Institute for Higher Education (DLHIE) in Bengaluru as the chief guests.The event began with the lighting of the Lamp of Wisdom, followed by an inspiring speech from the principal of the college, Dr. Dorje Rabten. In his address, he reminded the graduates to always hold deep gratitude towards His Holiness the Dalai Lama and the Men-Tsee-Khang Institute for their successful educational journey. He encouraged them to continue studying traditional systems, emphasizing their vital role in serving broader purposes and contributing to the future.The chief guest, Dr. Tenzin Passang, Principal (DLHIE), addressed the graduates with wise words of advice. He urged them to continue practicing the traditional disciplines they had learned, stressing the importance of preserving the medical and astrological traditions. He also emphasized the need to incorporate compassion and kindness into their future work, encouraging the graduates to use their knowledge for the greater good of society.Following this, Dr. Passang presented ceremonial…

Continue ReadingGraduation day of 23rd Medical & 13th Astro Batch