A ‘thousand-fold offering to the Medicine Buddha

སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དགེ་ལས་སློབ་མ་དང་རྒྱུད་སྨད་གྲ་ཚང་གི་དགེ་འདུན་གྲྭ་བཞི་དབུས་པའི་ཚོགས་ཀྱིས་ས་ག་ཟླ་བའི་དུས་ཁྱད་པར་ཅན་དང་སྟབས་བསྟུན་ཏེ་ཕྱི་ཟླ་ལྔ་པའི་ཚེས་༣༠ ཉིན་སྨན་བླའི་སྟོང་མཆོད་ཟབ་རྒྱས་ཕུལ་བ་དང་། ཚེས་༣༡ ཉིན་དགེ་ལས་སློབ་མ་རྣམས་ནས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་ལས་དག་འདོན་དང་གཡུ་ཐོག་སྙིང་ཐིག་གི་ཚོགས་མཆོད་ཕུལ། Mentseekhang (Sowa-Rigpa ) Medical College and Hospital, Bengaluru, in accordance with the special occasion of Saga Dawa, organized a 'thousand-fold offering to the Medicine Buddha' on May 30, 2025. In that magnificent event was actively participated in by students, teachers, and staff, as well as four monks invited from Sera Monastery. On the following day, the students and teachers also took part in the recitation of three medical tantras—namely, the Root Tantra, the Explanatory Tantra, and the Subsequent Tantra, and ritual performance of Yuthok Nyingthik.  https://bcollege.mentseekhang.org/wp-content/uploads/2025/06/IMG_1279.mp4

Continue ReadingA ‘thousand-fold offering to the Medicine Buddha

College Attends “Four-Day AYUSH Global Wellbeing” Event at Palace Ground, Bengaluru

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་ཀ་ཎ་ཊ་ཀའི་མངའ་སྡེའི་འཕྲོད་བསྟེན་དང་སྤྱི་ཚོགས་བདེ་དོན་ལྷན་ཁང་ནས་སྦེང་ལོར་གྲོང་འཁྱེར་ནང་དུ་རྒྱ་གར་སྲོལ་སྨན་གྱི་དུས་སྟོན་ཆེན་མོ་ཞིག་གོ་སྒྲོག་གནང་བའི་ནང་སྦེང་ལོར་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་དང་སྨན་ཁང་ནས་མཉམ་བཞུགས་གནང་བ་དང་། ཉིན་བཞིའི་དུས་སྟོན་འདིའི་རིང་ལ་རྒྱ་གར་སློབ་མ་དང་དོན་གཉེར་བ་རྣམས་ལ་བོད་སྨན་གྱི་གོ་རྟོག་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་སྤྱི་དང་ཁྱད་པར་དུ་སྔོ་སྦྱོར་ཅ་དངོས་ངོ་སྤྲོད། རིན་མེད་ལུས་ཁམས་བརྟག་དཔྱད་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།In accordance with the invitation received from the District AYUSH officer, Men-Tsee-Khang (Sowa-Rigpa) Medical College and Hospital participated in the four-day “AYUSH Global Wellbeing” event held at Palace Ground, Bengaluru, from 11th -14th, April 2025. This event was organized by the Department of Health and Family Welfare, Govt. of Karnataka. The local people and AYUSH medical students demonstrated significant interest in Sowa-Rigpa (Tibetan Medicine) and many health enthusiasts took this opportunity to get a free health check-up from our doctors.

Continue ReadingCollege Attends “Four-Day AYUSH Global Wellbeing” Event at Palace Ground, Bengaluru

5-day hands-on practical workshop on Medicinal Preparations”

རྒྱལ་སྤྱི་འཕྲོད་བསྟེན་ཉི་མོའི་སྲུང་བརྩི་དང་བསྟུན་ཏེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔའི་རིང་དེ་སྔ་སྨན་སྦྱོར་སྨན་ཟུར་སྦེལ་ཀོབ་ཡན་ལག་སྨན་ཁང་གི་སྨན་པ་ངག་དབང་དགེ་ལེགས་ལགས་ཆེད་དུ་གདན་ཞུ་ནས་སྦེང་ལོར་ཆེད་སྦྱོང་གཉིས་པའི་སྨན་སློབ་རྣམས་ལ་ཞི་བྱེད་སྨན་གྱི་ལག་ལེན་ཁག་དམར་ཁྲིད་ངོ་སྤྲོད་དང་སྦྱོང་བརྡར་གནང། ཁོང་གིས་ཕྱི་རྒྱུད་ལས་ནག་མཚུར་སུམ་ཐང་དང་། སེ་འབྲུ་བཅུ་པའི་ལྡེ་གུ། འབའ་སམ་སྨན་མར། བུར་ཆང་། སྟར་བུའི་ཁཎྜ། ཟླ་ཤེལ་བདུད་རྩི་མའི་རིལ་བུ། དེ་བཞིན་སྨན་རྟ་གསུམ། བོང་ནག དབང་ལག འཇམ་འབྲས། ཀོ་བྱི་ལ། མཁལ་ཞོ་དཀར་པོ་བཅས་ཀྱི་འདུལ་སྦྱོང་ལག་ལེན་ངོ་སྤྲོད་གནང་སོང་།།In celebration of the World Health Day i. e. on 7th April and till to the 11th April 2025, the Materia Medica Department of the college held a “5-day practical workshop and hands-on training on Medicinal Preparations” for our 2nd Professional B.S.R.M.S. students. This workshop focused on how to prepare five different forms of Pacifying medicines based on the “Subsequent Tantra” (The fourth Tantra).Dr. Ngawang Geleck, Men-Tsee-Khang Branch Clinic in Bylakuppe, was specially invited as a practical teacher. He had worked for many years in the Pharmaceutical Department of our institute. During the workshop, he practically taught and shared his knowledges on how to make different types of medicines such as decoctions, powders, pills, pastes, khenda, medicinal chhang, and other methods for purifying or detoxifying medicines.

Continue Reading5-day hands-on practical workshop on Medicinal Preparations”