The High-Altitude Medicinal Herb Identification Training at Patlikuhal and Marhi from 26th July to 15th August, 2024
༄༅། །སྦེང་ལོར་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་གི་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ པའི་ཚེས་ ༢༦ ནས་ཟླ་བ་ ༨ བའི་ཚེས་ ༡༥ བར་སྤ་ཏི་ཀུལ་དང་དམར་རི་ལ་ཁར་ས་མཐོའི་སྔོ་སྨན་ངོ་སྤྲོད་གཟབ་སྦྱོང་གི་ལས་བསྡོམས་སྙིང་བསྡུས། ༡༽ མི་སྣ་ངོ་སྤྲོད་། སྤྱི་ཟླ་ ༧ པའི་ཚེས་ ༢༩ ཉིན་སྨན་རྩིས་རིག་གཞུང་དང་སྨན་རྫས་འགན་འཛིན་གཅིག་ལྕོགས་སྨན་པ་འབུམ་རམས་པ་ཚེ་རིང་ནོར་བུ་ལགས་དང་། སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་སྨན་རམས་པ་ཕུན་ཚོགས་བསྟན་དར་ལགས་དང་སྨན་རམས་པ་ཚེ་བསྟན་མི་འགྱུར་ལགས་གཉིས་དང་། རྡ་ས་སྨན་དགེ་མིག་དམར་ལགས་དང་སྨན་དགེ་སྤེན་པ་དོན་གྲུབ་ལགས། རྡ་ས་སྨན་སྦྱོར་སྨན་པ་རྡོ་རྗེ་ཚེ་རིང་ལགས་དང་ལྷན་དུ་ལས་བྱེད་བཅུ་གཅིག་དང་ཅོན་ཏ་ར་སྨན་སྦྱོར་སྨན་པ་བཀྲིས་ལགས་དང་ལྷན་དུ་ སྨན་སྦྱོར་ལས་བྱེད་བཅུ་དང་། བདག་སྦེང་ལོར་སྨན་དགེ་པདྨ་རྣམ་གྲོལ་བཅས་ཁྱོན་སྨན་པ་བརྒྱད་དང་ལས་བྱེད་ཉེར་བཅིག་དང། རྡ་ས་མཐོ་སློབ་ནས་སྨན་སློབ་བཅུ་དང་སྦེང་ལོར་མཐོ་སློབ་ནས་སྨན་སློབ་བདུན་བཅས་ཁྱོན་སྨན་སློབ་བཅུ་བདུན་དང། ཁ་ལོ་བ་གཉིས་དང་། མ་བྱན་གཉིས་བཅས་ཁྱོན་མི་གྲངས་ ༤༩ འཕེབས་ཡོད། ༢༽ འགྲིམ་འགྲུལ་བྱས་ཚུལ། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༧ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཞོགས་པ་ཆུ་ཚད་ ༩ པ་ཐོག་སྦེང་ལོར་མཐོ་སློབ་ནས་འགྲུལ་བཞུད་བྱས་ཏེ་མོ་ཏྲ་དང་མེ་འཁོར་རྒྱུད་ནས་ཕྱི་ཚེས་ ༢༨ ཞོགས་པ་རྒྱལ་ས་རྡིལ་ལི་ལ་འབྱོར། དེ་ཡི་དགོང་མོ་སྤྱི་སྤྱོད་རླངས་འཁོར་བཞུད་ནས་སང་ཞོགས་ ༢༩ ཉིན་པཱ་ལི་ཀུལ་ལ་བདེ་ཐང་ངང་འབྱོར་པ་དང་དེའི་ཉིན་རྒྱབ་རྡ་སའི་དགེ་སློབ་ལས་བྱེད་རྣམས་བདེ་ཐང་ངང་འབྱོར་སོང། དེ་ཉིན་སྤ་ཏི་ཀུལ་སློབ་གྲྭའི་ཁང་པ་ལེགས་གྲས་རྣམས་རྙིང་མའི་བཙུན་པ་གཟབ་སྦྱོང་ཆེད་གཡར་གཏོང་ཟིན་པ་སོང་སྨན་པ་དང་སློབ་དགེ སྨན་སློབ་རྣམས་སློབ་གྲྭའི་འཛིན་ཁང་ནང་སྨན་སྦྱོར་ལས་བྱེད་དང་མཉམ་དུ་ཞག་སྡོད་བྱས། ཚེས་ ༣༡ ཞོགས་པ་ཆུ་ཚོད་ ༦ པར་སྤ་ཏི་ཀུལ་སློབ་གྲྭ་ནས་ཐོན། ཆུ་ཚོད་ ༨ པ་ཡོལ་ཙམ་ལ་རྨ་རིར་འབྱོར། དེ་ཉིན་གུར་ཕུབ་རྒྱུ་དང་ཆུ་ཡུར་བཟོ་རྒྱུ་སོགས་སྡོད་གནས་གྲ་སྒྲིག་བྱས། ༣༽ སྔོ་སྨན་ངོ་སྤྲོད། སྨན་རྩིས་རིག་གཞུང་དང་སྨན་རྫས་འགན་འཛིན་གཅིག་ལྕོགས་སྨན་པ་འབུམ་རམས་པ་ཚེ་རིང་ནོར་བུ་ལགས་ནས་ཚེས་ ༣༠ ཞོགས་པ་སྤ་ཏི་ཀུ་གྲོང་གི་ཉེ་འདབས་སུ་མཉམ་བསྐྱོད་ཀྱིས་དེ་ཁུལ་དུ་སྐྱེ་བའི་སྨན་སྣེ་གྲངས་ ༦༡ མིང་དང་སྐྱེ་གནས་རིགས་དབྱེ་ཚུལ་ཁྱད་ཆོས་སོགས་རྡ་ས་དང་སྦེང་ལོར་སློབ་མ། སློབ་དགེ་བཅས་ལ་ངོ་སྤྲོད་གནང། སྤྱི་ཟླ་ ༨ པའི་ཚེས་ ༡ ཞོགས་པ་ཆུ་ཚོད་ ༧ པ་ནས་ཉིན་ཕྱེད་སློབ་མ་རྣམས་སྨན་འཐོག་ཏུ་བསྐྱོད་དགོས་པ་དགེ་རྒན་ཚོས་ལམ་སྟོན་ཞུས་ནས་སློབ་ཕྲུག་བུ་སྨན་སྦྱོར་ལས་བྱེད་མཉམ་དུ་སྨན་འཐོག་དང་། བུ་མོ་རྣམས་སྔར་རྒྱུན་བཞིན་བུ་མོ་ཚོས་འཐུ་སྒྲུག་བྱེད་རྒྱུའི་སྔོ་སྨན་སྐྱེ་ཡུལ་རི་རྒྱུད་ངོ་སྤྲོད་དང་ལས་བཀོད་གནང། དེ་ཉིན་སློབ་དགེ་གཉིས་དང་། སྨན་རྫས་སྨན་པ་གཉིས་རི་རྒྱུད་དང་པོར་བསྐྱོད་ནས་དེ་ཁུལ་དུ་སྐྱེ་བའི་སློབ་ཕྲུག་དང་། སྔོ་སྨན་གསོག་ཉར་ཁང་། མཐོ་སློབ་ཆེད་སྔོ་སྨན་འཐུ་སྒྲུབ་དང་། སློབ་དགེ་གཉིས་དང་། སྨན་རྫས་སྨན་པ་གཉིས་ལ་སྔོ་སྨན་གྱི་མིང་དང་སྐྱེ་གནས་རིགས་དབྱེ་ཚུལ་སོགས་ངོ་སྤྲོད་གནང་སོང། ཉིན་རྒྱབ་སློབ་མ་ཚོར་རི་རྒྱུད་དང་པོ་ནས་འཐུ་སྒྲུབ་ཞུས་པའི་སྨན་སྣེ་གྲངས་ ༡༠༠ སྒྲིག་གཤོམ་བྱས་ནས་མིང་དང་སྐྱེ་གནས་རིགས་དབྱེ་ཚུལ་ཁྱད་ཆོས་སོགས་འབུམ་རམས་པ་རྒན་ཚེ་རིང་ནོར་བུ་མཆོག་ནས་ངོ་སྤྲོད་གནང། ཚེས་ ༢ ཉིན་སློབ་དགེ་གཉིས་དང་། སྨན་རྫས་སྨན་པ་གཉིས་རི་རྒྱུད་གཉིས་པར་བསྐྱོད་ནས་དེ་ཁུལ་དུ་སྐྱེས་པའི་སྔོ་སྨན་རྣམས་སློབ་ཕྲུག་དང་། སྔོ་སྨན་གསོག་ཉར་ཁང་། མཐོ་སློབ་ཆེད་འཐུ་སྒྲུག་གནང་། དགེ་རྒན་དང་སྨན་རྫས་སྨན་པ་གཉིས་ལ་སྔོ་སྨན་གྱི་མིང་དང་སྐྱེ་གནས་རིགས་དབྱེ་ཚུལ་སོགས་རྒན་ལགས་ཀྱི་ངོ་སྤྲོད་གནང། ཉིན་རྒྱབ་སློབ་མ་ཚོར་དེ་ཉིན་འཐུ་སྒྲུག་བྱས་པའི་སྨན་སྣེ་གྲངས་༣༧ སྒྲིག་གཤོམ་བྱས་ནས་མིང་དང་སྐྱེ་གནས་རིགས་དབྱེ་ཚུལ་ཁྱད་ཆོས་སོགས་ངོ་སྤྲོད་རྒན་ལགས་མཆོག་ནས་ངོ་སྤྲོད་གནང། ཚེས་ ༣ ནས་ ༥ བར་སྨན་དགེ་གཉིས། རྡ་ས་མཐོ་སློབ་ཀྱི་སྨན་དགེ་སྤེན་པ་དོན་གྲུབ་ལགས་གསར་འདེམས་བྱས་པ་གཅིག སྨན་རྫས་སྨན་པ་གཉིས་བཅས་རི་རྒྱུད་གསུམ་པ། བཞི་པ། ལྔ་པ་བཅས་སུ་བསྐྱོད་ནས་དེ་ཁུལ་གྱི་སྔོ་སྨན་སློབ་ཕྲུག་དང་། སྔོ་སྨན་གསོག་ཉར་ཁང་། མཐོ་སློབ་ཆེད་འཐུ་སྒྲུག་དང་། རིགས་དབྱེ་ཚུལ་སོགས་ངོ་སྤྲོད་ཞུས། དགེ་རྒན་གསུམ་དང་སྨན་རྫས་སྨན་པ་ གཉིས་ལ་སྔོ་སྨན་གྱི་མིང་དང་སྐྱེ་གནས་སློབ་མ་ཚོར་རི་རྒྱུད་ཁག་གསུམ་ནས་འཐུ་སྒྲུབ་ཞུས་པའི་སྨན་སྣེ་གྲངས་ ༧༢ སྒྲིག་གཤོམ་བྱས་ནས་མིང་དང་སྐྱེ་གནས་རིགས་དབྱེ་ཚུལ་ཁྱད་ཆོས་སོགས་ངོ་སྤྲོད་ཞུས། ཚེས་ ༦ ཉིན་སློབ་མ་རྣམས་ཡིག་རྒྱུག་གྲ་སྒྲིག་ཆེད་ཉིན་གཅིག་བར་གསེང་བསྐྱར་སྦྱོང་དང་། སྨན་རྫས་སྨན་པ་གསུམ་ཡིག་རྒྱུགས་ཆེད་དེ་ཉིན་སྔོ་སྨན་སྣེ་གྲངས་ ༡༠༠ འཐུ་སྒྲུག་ཆེད་བསྐྱོད་པ་དང་མཐོ་སློབ་དགེ་རྒན་གསུམ་ཡིག་རྒྱུགས་ཆེད་གྲ་སྒྲིག་ཞུས། ཚེས་ ༧ ཉིན་ཞོགས་པ་ཆུ་ཚད་ ༨ པར་སྔོ་སྨན་གྲངས་ ༡༠༠ ཡིག་རྒྱུགས་ཆེད་སྒྲིག་གཤོམ་བྱས། ཆུ་ཚོད་དགུ་པར་ཡིག་རྒྱུགས་དངོས་སུ་འགོ་བཙུགས་ཀྱིས་དེ་ཉིན་ལེགས་པར་གྲུབ། ད་རེས་མཐོ་སློབ་གཉིས་ཀྱིས་རེ་བསྐུལ་བཞིན་སྔོ་སྨན་ངོ་སྤྲོད་ལས་འཆར་ནང་འབུམ་རམས་པ་རྒན་ཚེ་རིང་ནོར་བུ་ལགས་ནས་མཐོ་ཚད་མི་ཀྲར་ ༢༠༥༠ ནས་ ༤༠༠༠ བརྒལ་བའི་སྨན་སྣེ་གྲངས་ ༢༥༠ ལྷག་ཙམ་ངོ་སྤྲོད་ཆ་ཚང་བྱུང་བའི་ནང་སློབ་དགེ་གསུམ་དང་། རྡ་ས་དང་སྦེང་ལོར་འཛིན་གྲྭ་གཉིས་ནས་སློབ་མ་གྲངས་བཅུ་བདུན། སྨན་རྫས་སྨན་པ་གཉིས་བཅས་ལ་གནང། སྨན་ངོ་མང་པོ་ཞིག་གི་དཔེ་ཚོན་འཐུ་སྒྲུག་ཞུས་པ་ཚགས་ཤོག་ནང་ཉར་ཚགས་ཀྱིས་སྐེམ་གསེད་བྱེད་བཞིན་པ་ཡིན། སྨན་ངོ་འཐུ་སྒྲུག་བསྐྱོད་དུས་ཞོགས་པ་ཆུ་ཚོད་ ༧ ནས་ཉིན་གུང་ཞལ་ལག་འབྱོར་དུས་ཆུ་ཚོད་ ༣ ནས་བཞི་པ་ཙམ་ཡིན། ང་ཚོ་མཐོ་སློབ་གཉིས་ཀྱི་སྨན་དགེ་གསུམ་ལ་མ་ན་ལི་ཁུལ་དུ་སྐྱེ་བའི་སྔོ་སྨན་ཧ་ལམ་ཆ་ཚང་རི་རྒྱུད་དང་བཅས་པ་ངོ་སྤྲོད་དང་། མ་འོང་སློབ་མ་ཚོར་སྔོ་སྨན་ངོ་སྤྲོད་དང་ཡིག་རྒྱུགས་གཏོང་ཕྱོགས་ཐད་རྒན་ལགས་ཀྱིས་ལམ་སྟོན་བཟང་མོ་གནང་ཡོད། ཚེས་ ༨ ཞོགས་པར་སྔ་རྒྱུན་བཞིན་བུ་མོ་རྩ་ཨ་བ་དང་བུ་རྣམས་བ་ལུ་བཏུས། ཚེས་ ༩ ཉིན་བུ་རྣམས་སྟོང་ཟིལ་དང་བུ་མོ་རྣམས་སྔ་རྒྱུན་བཞིན་སྔོ་སྨན་བཏུས། ཚེས་ ༡༠ ཞོགས་པ་སློབ་ཕྲུག་ཕོ་མོ་རྣམས་ཨ་ཝ་བཏུས། ༤༽དཀའ་ངལ་ཁག ཕྱི་ཚེས་ ༡ མཚན་གུང་ཆུ་ཚོད་ ༣ དང་ཕྱེད་ཀ་ཙམ་ལ་ཆར་རླུང་དྲགས་འཚུབ་རྒྱབ་ནས་སྨན་སྦྱོར་ལས་བྱེད་དང་། སློབ་ཕྲུག་ཚོའི་གུར་ནང་ཆུ་སླེབས་ནས་དཀའ་ངལ་ཅུང་བྱུང་ཡང་། ཆུ་ཚོད་ ༥ པ་ཙམ་ལ་ཆར་རླུང་ཉུང་དུ་སོང་ནས་མི་ལ་སྐྱོན་དམིགས་བསལ་བྱུང་མེད། འདི་ལོ་སྨན་འཐོག་སྐབས་རིམས་ཆམ་རྐྱེན་པ་སློབ་ཕྲུག་དང་ལས་བྱེད་རྣམས་ཚ་བ་རྒྱས་པ་དང་། གྲེ་བ་ཚ་བ། མགོ་ན་བ། དབུགས་གཏོང་དཀའ་བ་སོགས་དཀའ་ངལ་དུ་མ་ཞིག་བྱུང་ཡོད་ཀྱང་གསོ་རིག་སྨན་དང་ཕྱི་ལུགས་སྨན་གཉིས་ལ་བསྟན་ནས་དཀའ་ངལ་དེ་ཙམ་མ་བྱུང། མཐར་ཚེས་ ༡༠ ཉིན་རྒྱབ་དམར་རི་ནས་སྤ་ཏི་ཀུལ་ལ་འབྱོར། ཚེས་བཅུ་གཉིས་ཉིན་རྒྱབ་ཆུ་ཚད་ ༥ ཙམ་ལ་སྤྱི་སྤྱོད་རླངས་འཁོར་རྒྱུད་སྤ་ཏི་ཀུལ་ནས་ཚེས་ ༡༣ ཞོགས་པ་རྒྱལ་ས་ལྡིལ་ལི་ལ་འབྱོར། ཚེས་ ༡༣ དགོང་མོ་ཚུད་ ༧ ཙམ་ནས་ལྡིལ་ལི་ནས་མོ་ཏྲ་དང་མེ་འཁོར་རྒྱུད་ནས་ཚེས་ ༡༥ ཉིན་རྒྱབ་སྦེང་ལོར་མཐོ་སློབ་ལ་དགེ་སློབ་རྣམས་བདེ་ཐང་ངང་འབྱོར་བའི་ལས་བསྡོམས་སྙིང་བསྡུས་སུ་ཕུལ། སྦེང་ལོར་སྨན་རྩིས་མཐོ་སློབ་ནས། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༢༨ ཉིན། Camping overnight Identifying Hurbs Hiking Hurbs plucking The High-Altitude Medicinal Herb Identification Training at Patlikuhal and Marhi from July 26 to August 15, 2024, by the Bangalore Tibetan Medical and Astro. College. Introduction: On July 29, Dr. Tsering Norbu, the chairman, Medical & Astro council along with Dr. Phuntsok Tendar and Dr. Tseten Migyur from the Materia Medica Department arrived. They were joined by Dharamsala Mentseekhang Lecturers Dr.…