5-day hands-on practical workshop on Medicinal Preparations”

རྒྱལ་སྤྱི་འཕྲོད་བསྟེན་ཉི་མོའི་སྲུང་བརྩི་དང་བསྟུན་ཏེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔའི་རིང་དེ་སྔ་སྨན་སྦྱོར་སྨན་ཟུར་སྦེལ་ཀོབ་ཡན་ལག་སྨན་ཁང་གི་སྨན་པ་ངག་དབང་དགེ་ལེགས་ལགས་ཆེད་དུ་གདན་ཞུ་ནས་སྦེང་ལོར་ཆེད་སྦྱོང་གཉིས་པའི་སྨན་སློབ་རྣམས་ལ་ཞི་བྱེད་སྨན་གྱི་ལག་ལེན་ཁག་དམར་ཁྲིད་ངོ་སྤྲོད་དང་སྦྱོང་བརྡར་གནང། ཁོང་གིས་ཕྱི་རྒྱུད་ལས་ནག་མཚུར་སུམ་ཐང་དང་། སེ་འབྲུ་བཅུ་པའི་ལྡེ་གུ། འབའ་སམ་སྨན་མར། བུར་ཆང་། སྟར་བུའི་ཁཎྜ། ཟླ་ཤེལ་བདུད་རྩི་མའི་རིལ་བུ། དེ་བཞིན་སྨན་རྟ་གསུམ། བོང་ནག དབང་ལག འཇམ་འབྲས། ཀོ་བྱི་ལ། མཁལ་ཞོ་དཀར་པོ་བཅས་ཀྱི་འདུལ་སྦྱོང་ལག་ལེན་ངོ་སྤྲོད་གནང་སོང་།།In celebration of the World Health Day i. e. on 7th April and till to the 11th April 2025, the Materia Medica Department of the college held a “5-day practical workshop and hands-on training on Medicinal Preparations” for our 2nd Professional B.S.R.M.S. students. This workshop focused on how to prepare five different forms of Pacifying medicines based on the “Subsequent Tantra” (The fourth Tantra).Dr. Ngawang Geleck, Men-Tsee-Khang Branch Clinic in Bylakuppe, was specially invited as a practical teacher. He had worked for many years in the Pharmaceutical Department of our institute. During the workshop, he practically taught and shared his knowledges on how to make different types of medicines such as decoctions, powders, pills, pastes, khenda, medicinal chhang, and other methods for purifying or detoxifying medicines.

Continue Reading5-day hands-on practical workshop on Medicinal Preparations”

PRACTICAL EXAMINATIONS & VIVA VOCE FOR OUR SECOND BATCH

རཱ་ཇིབ་གྷན་དྷི་འཕྲོད་བསྟེན་ཚན་རིག་གི་གཙུག་ལག་སློབ་ཆེན་ནས་ཡིག་རྒྱུགས་གསལ་བསྒྲགས་སྤེལ་བ་ལྟར། ཕྱི་ལོ་༢༠༢༥ ཟླ་ ༠༣ ཚེས་ ༢༧ ནས་ ༢༩ བར་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་གི་ཆེད་སྦྱོང་དང་པོའི་སྨན་སློབ་རྣམས་ལ་གྲུབ་པ་ལུས་དང་། ངོས་འཛིན་རྟགས། སྨན་རྫས་བཅས་སློབ་ཚན་གསུམ་གྱི་ལག་ལེན་དང་འབྲེལ་བའི་རྒྱུགས་བཞེས་གནང་བའི་པར་རིས་དང་བརྙན་ཐུང་།From March 27th to 29th, 2025: As per the notification from Rajiv Gandhi University of Health Sciences (RGUHS), our college successfully conducted the Practical Examinations and Viva Voce for three subjects: Human Anatomy & Physiology, Sowa-Rigpa Pathology-I, and Materia Medica-I, for the B.S.R.M.S First Professional students of the academic year 2023-24. (Photos & video clip)

Continue ReadingPRACTICAL EXAMINATIONS & VIVA VOCE FOR OUR SECOND BATCH

Celebrated 64th Anniversary of re-establishment its parent Institute, MenTseeKhang.

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༢ ཉིན་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དང་སྨན་ཁང་ནས་འཕགས་ཡུལ་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༦༤ ཧྲིལ་པོར་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་གནང་ཡོད་པ་དང་། དུས་དྲན་སྲུང་བརྩི་འདིའི་མཛད་སྒོ་འདིའི་ཐོག་སྐུ་མགྲོན་གཙོ་བོ་རང་རེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་སྐུ་ངོ་འཇིག་མེད་ཚུལ་ཁྲིམས་མཆོག་དང་། དེ་བཞིན་སྐུ་མགྲོན་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་འཛིན་སྐྱོང་འགན་འཛིན། ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བཅས་ཕེབས་གནང་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༢ ཉིན་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དང་སྨན་ཁང་ནས་འཕགས་ཡུལ་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༦༤ ཧྲིལ་པོར་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་གནང་ཡོད་པ་དང་། དུས་དྲན་སྲུང་བརྩི་འདིའི་མཛད་སྒོ་འདིའི་ཐོག་སྐུ་མགྲོན་གཙོ་བོ་རང་རེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་སྐུ་ངོ་འཇིག་མེད་ཚུལ་ཁྲིམས་མཆོག་དང་། དེ་བཞིན་སྐུ་མགྲོན་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་འཛིན་སྐྱོང་འགན་འཛིན། ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བཅས་ཕེབས་གནང་ཡོད། On 22nd March 2025: Men-Tsee-Khang (Sowa-Rigpa) Medical College & Hospital in Bengaluru celebrated the 64th anniversary of the re-establishment of its parent institute, Men-Tsee-Khang. This prestigious charitable and educational institute was founded by the great XIVth Dalai Lama in India in 1961. This special event was graced by Mr. Jigme Tsultrim, the Chief Representative Officer (CRO) of the South Zone in Bengaluru, as the Chief Guest. Other important guests included Dr. Passang, the Principal and Mr. Chogyal Tashi, Administrator of the Dalai Lama Institute for Higher Education (DLIHE) and Mr. Nirananjan, President of Indo-Tibetan Friendship, South Chapter. During the occasion, the top three students from the BSRMS First Professional Examination, held by RGUHS University, were honoured by the Chief Guest.

Continue ReadingCelebrated 64th Anniversary of re-establishment its parent Institute, MenTseeKhang.