༄༅།། རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་གྱི་ལྷན་ཚོགས་ (NCISM) ནས་བཀོད་ཁྱབ་དང་ལམ་སྟོན་འབྱོར་དོན་བཞིན། སྤྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༠༡ ཉིན་སྦེང་ལོར་འགྲོ་ཕན་སྨན་རྩིས་ཁང་གི་མཐོ་སློབ་ཏུ་གསོ་རིག་དཀའ་བཅུ་པའི་སྨན་སློབ་གྲངས་བཅུ་བཞི་དངོས་སུ་སློབ་འཇུག་བྱས་ཞིང་། ཐོག་མོའི་ལས་དུས་ཉིན་གྲངས་བཅོ་ལྔ་སྟེ་ཚེས་ ༡ ནས་ ༢༡ བར་སྨན་སློབ་གསར་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་སྤྱི་ཁོག་དང་། ལྷག་པར་དུ་ཆེད་སྦྱོང་དང་པོའི་སློབ་ཚན་ཁག དེ་བཞིན་འགྲོ་ཕན་སྨན་རྩིས་ཁང་གི་འགྲོ་ལུགས་དང་སྦེང་ལོར་མཐོ་སློབ་ཀྱི་མཐུན་རྐྱེན་དང་འཁོར་ཡུག་སོགས་ལ་གོ་རྟོག་ཡོང་སླད་སྔོན་འགྲོའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།








As per the notification received from the National Commission for Indian System of Medicine (NCISM), 14 number of students have, practically, been enrolled for Men-pa-Ka –chupa professional course at Dro-Phen Men-Tsee-khang Sorig College, Bengaluru on 01/3/2023. The college organized an extensive induction program from Feb 1st to Feb 21 covering a number of topics including the general framework of Tibetan Medicine, syllabus of the First professional, rules and regulation of the Men-Tsee-Khang Institute/ the college and others. The aim of the program is to welcome the new students and make them more familiar with the environment, give them a better understanding of the system, the facilities and the people in the campus.