Field Visit By Delegation of Ministry of AYUSH

  • Post comments:1 Comment
  • Reading time:3 mins read

A delegation of 8 personnel from Ministry of Ayush led by honorable Director Sh.Dhirendra Kumar made a field visit to Men-Tsee-Khang Sowa Rigpa Medical College, Bengaluru on 29th of November, 2022. The visitors arrived at the college campus around 2:00 PM to a warm reception from our principal and other staff. The delegation had an hour long interactive sessession cum review meeting with our college staff at the conference hall over tea and snacks. At the meeting, our principal expressed his gratitudes and thank you to the Ministry of Ayush for providing financial supports for Men-Tsee-Khang Sowa Rigpa College and all who have helped in securing the fund for College building construction. He also emphasised the need for more financial assistance, in future, to enable the college to do more constructive works on a greater scale. It was concluded with a short note from the Director shri Dhirendra Kumar. He was happy and grateful for the reception conferred to the team. In response to the principal’s request for fund, He mentioned importance of keeping two things in Mind: 1) keeping in touch with the regional commissionar for Ayush at state level and with the Ministry of Ayush at nationa level 2) To forward clear proposal of what is your requirement and how you can generate fund for your purpose. The team was impressed with infrastructure development of the college and made high praise of all the good works that have been done.

ཟླ་༡༠ཚེས་༢༩་ཉིན་་ཚོགས་གཙོ་དྷི་རན་དར་ཀུ་མར་མཆོག་གི་སྣེ་འཁྲིད་པས་ཚོགས་མི་བརྒྱད་ལས་འགྲུབ་པའི་ཨ་ཡུ་ཤེ་ཚོགས་ཆུང་ཞིག་འདི་ག་སྦེང་ལོར་མཐོ་སློབ་ཏུ་གཟིགས་ཞིབ་གནང་བར་ཕེབས། ཉིན་རྒྱབ་ཆུ་ཚོད་༢ ཐོག་ཚོགས་མི་རྣམས་མཐོ་སློབ་ཏུ་འབྱོར། སློབ་སྤྱི་གཙོས་དགེ་ལས་རྣམས་ནས་དར་དཀར་བསྒྲོན་ཏེ་ཕེབས་བསུ་གཟབ་རྒྱས་ཞུས། སྐུ་མགྲོན་རྣམས་ལྷན་ཚོགས་ཁང་དུ་གདན་ཞུས་ཐོག་གསོལ་ཇ་བཞེས་ཏོག་བཏེགས་ཏེ་དགེ་ལས་ལྷན་འཛོམས་ཀྱིས་་ཆུ་ཚོད་གཅིག་རིང་་བཞུགས་མོལ་དང་བསྐྱར་ཞིབ་ཚོགས་འདུ་གཅིག་འཐུས་རྒྱས་པར་གནང།  ཚོགས་འདུའི་ཐོག་སློབ་སྤྱི་མཆོག་ནས་ཨ་ཡུ་ཤེ་ལྷན་ཁང་གིས་འདི་གའི་སྨན་རྩིས་མཐོ་སློབ་འཛུགས་བསྐྲུན་ཆེད་རོགས་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་དེ་འབྲེལ་ལས་དོན་བྱེད་པོ་ཡོངས་ལ་བཀའ་དྲིན་ཆེ་ཞུས། དེ་དང་སྦྲགས་ཁོང་གིས་མ་འོངས་མཐོ་སློབ་འདི་ཚགས་ཚུད་དང་ལས་དོན་རྒྱ་ཆེར་སྤེལ་བར་དངུལ་གྱི་འགྲོ་གྲོན་ཡོངས་ངེས་ཡིན་པས་ཨ་ཡུ་ཤེ་ནས་མུ་མཐུད་གཟིགས་སྐྱོང་ཡོངས་བའི་རེ་བསྐུལ་ནན་ཏན་གནང། དེ་ནས་ཨ་ཡུ་ཤེ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་དྷི་རན་ཀུ་མར་ནས་འཇུག་བསྡུས་གསུང་བཤད་གནང།  ཁོང་དང་ཚོགས་མི་གཞན་རྣམས་ལ་མཐོ་སློབ་ནས་ཕེབས་བསུ་གནང་བ་ཁོང་གིས་ཡི་རངས་དང་ལྷན་ཐུགས་རྗེ་ཆེ་ཞུས། གོང་དུ་སློབ་སྤྱི་མཆོག་ནས་རོགས་དངུལ་བསྐྱབས་འཇུག་ཞུས་པས་ལན་གྱི་ཚུལ་དུ། ཁོང་ནས་དོན་ཚན་གཉིས་གནད་དུ་ཆུད་དགོས་པར་བཤད། དང་པོ། མཐོ་སློབ་རང་ངོས་ནས་མངའ་སྡེའི་ཨ་ཡུ་ཤེའི་འབྲེལ་མཐུད་པ་དང་རྒྱལ་ཁབ་ཀྱི་ཨ་ཡུ་ཤེའི་བློན་ཆེན་ལས་ཁུངས་སོགས་ལ་འབྲེལ་ལམ་རྒྱུན་སྐྱོང་དགོས་པ། གཉིས་པ། མཐོ་སློབ་ནས་རང་ཉིད་ལ་རོགས་དངུལ་གྱི་དགོས་མཁོ་གང་ཡིན་པ་ཅིའི་ཕྱིར་ཡིན་པ་ཇི་ལྟར་བྱས་ནས་དངུལ་འཚོལ་ཐུབ་པ་བཅས་གསལ་བའི་ཞུ་སྙན་འབུལ་དགོས་པ། ཁོང་དང་ཚོགས་མི་རྣམས་མཐོ་སློབ་འཛུགས་བསྐྲུན་གྱི་བཀོད་པ་དང་ལས་དོན་བྱེད་ཕྱོགས་ལ་ཡིད་འཕྲོག་པས་དེ་ལྟར་བྱ་བཟང་བསྒྲུབས་པར་བསྔགས་བརྗོད་ཡང་གནང་སོང།