Our College Principal pay a courtesy visit to Vice-Chancellor of RGUHS, Bengaluru

  • Post comments:0 Comments
  • Reading time:1 mins read

1 སྤྱི་ལོ་༢༠༢༢ ཟླ་༡༢ ཚེས་༡༦ ཉིན་སྦེང་ལོར་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་སྨན་རམས་པ་རྡོ་རྗེ་རབ་བརྟན་མཆོག་སྦེང་ལོར་ར་ཇིབ་གན་དྷི་འཕྲོད་བསྟེན་ཚན་རིག་གཙུག་ལག་སློབ་ཆེན་(Rajiv Gandhi University of Health Sciences/RGUHS, Bengaluru)གྱི་ཉེ་བའི་རིག་བདག་མཆོག་དང་མཇལ་འཕྲད་ཀྱིས་སྦེང་ལོར་སྨན་རྩིས་མཐོ་སློབ་དེའི་ཁོངས་ཁྲིམས་མཐུན་ངོ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ (National Commission for Indian System of Medicine) ནས་༢༠༢༢-༢༣ སློབ་དུས་ལོའི་སྨན་སློབ་གསར་འཇུག་གི་བཀའ་ཁྲོལ་ཐོབ་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས།

2 སྤྱི་ལོ་༢༠༢༢ ཟླ་༡༢ ཚེས་༡༦ ཉིན་བེལ་ཀོབ་ཡན་ལག་སྨན་ཁང་གི་འགན་འཛིན་དང་སྦེང་ལོར་མཐོ་སློབ་ཀྱི་རིག་དྲུང་ལྷན་བཅར་གྱིས་ཀ་ན་ཌ་ཀའི་མངའ་སྡེའི་ཨ་ཡུཤ་ལྷན་ཁང་གི་འགན་འཛིན་གསར་པ་ Mr. J. Manjunath, IAS མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ (National Commission of Indian System of Medicine)ནས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་ལ་གནང་བའི་༢༠༢༢-༢༣ སློབ་དུས་ལོའི་སྨན་སློབ་གསར་འཇུག་ཆོག་པའི་བཀའ་ཁྲོལ་ཕྱག་ཡིག་ (Letter of Permission) རྒྱབ་གཉེར་ཐོག་མངའ་སྡེའི་གཞུང་ལ་དངོས་སུ་སློབ་འཇུག་ལག་བསྟར་ཆོག་པའི་ཞུ་སྙན་ཕུལ།