Bangalore Men-Tsee-Khang Sowa-Rigpa Medical College Celebrates World Mental Health Day 2026

༄༅། །འདི་ག་སྦེང་ལོར་སྨན་རྩིས་མཐོ་སློབ་ཏུ་འདི་ལོའི་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུ་སླད། ཟླ་འདིའི་ཚེས་ ༧ ཉིན་ཏཱ་ལའི་བླ་མའི་ཚོགས་ཁང་དུ་སེམས་ཁམས་ཆེད་ལས་པའི་གཏམ་བཤད་དུ་འདི་གའི་མཐོ་སློབ་ཀྱི་དགེ་སློབ་ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཁ་སང་ཚེས་ ༩ ཉིན་དགེ་སློབ་ཡོངས་མཉམ་ཞུགས་ཡོད་པའི་ཐོག་སྔ་དྲོ་ཚོུད་ ༧ པ་ནས་ ༨ བར་ཆུ་ཚོད་གཅིག་རིང་ལུས་སྦྱོང་བང་རྒྱུག་བརྩེས་པ་དང་། ཉིན་རྒྱབ་མཐོ་སློབ་ཀྱི་སློབ་སྤྱི་མཆོག་ནས་འདི་གའི་མཐོ་སློབ་ཀྱི་ཆོས་ཁང་ནང་དུ་སེམས་ཁམས་འཕྲོད་བསྟེན་གྱི་གལ་གནད་སྐོར་བཀའ་སློབ་ལམ་སྟོན་མཛད་པའི་འདྲ་པར།
On World Mental Health Day 2026, students and staff collaborated with DLIHE to celebrate “Lived Experiences Heard” by attending a mental health talk on 7 Oct. On October 9th at 7:00 a.m., we energized ourselves with Zumba, yoga, a community run, and laughter exercises, reconnecting our minds, bodies, and souls while promoting health. In the afternoon, we gathered in our prayer hall for a mental health awareness talk by our Principal, highlighting the importance of emotional well-being.